标题:我的生日放生法会圆满结束 内容: སྤྱི་བོའི་གཙུག་ཏུ་བླ་མ་བསྒོམ།།頭頂觀想上師尊གསོལ་བ་འདེབས་ཤིང་དབང་བཞི་ལེན།།祈禱領取四灌顶ཐུགས་ཡིད་བསྲེས་ནས་མཉམ་པར་འཇོག །心意相印入定住དེ་ནི་བླ་མ་དྲན་པའི་མཆོག །這是最妙恩念尊。 ཞི་གནས། སེམས་བདེ་ན་ལུས་བདེ། མདོ་ལས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི།  །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་།  །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས།  །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ།   །ཞེས་གསུངས། རྒྱན་གྱི་མཆོག་ནི་ཡོན་ཏན།佛经:当知胜义俱生智,唯依积资净障力,乃与具证师加持,依止他法诚愚痴。 གྲོགས་ཀྱི་མཆོག་ནི་མི་བསླུ་བ། ཀུན་མཁྱེན་ཆེན་པོས། འཇིག་རྟེན་བྱ་བ་ཤི་ཤུལ་ཟིན་དུས་མེད།  །ནམ་བཞག་དུས་ན་ཟིན་པ་ཆོས་ཉིད་ཡིན། །ཞེས་གསུངས། ཀུན་མཁྱེན་ཆེན་པོས། འཇིག་རྟེན་བྱ་བ་ཤི་ཤུལ་ཟིན་དུས་མེད།  །ནམ་བཞག་དུས་ན་ཟིན་པ་ཆོས་ཉིད་ཡིན། །ཞེས་གསུངས། 全知无垢光尊者:世间琐事死亦无完时,何时放下即了乃规律。 རིག་པའི་མཆོག་ནི་ཤེས་རབ།རྒྱལ་སྲས་ཞི་ལྷས།  ཇི་སྲིད་ནམ་མཁའ་གནས་པ་དང་།  །འགྲོ་བ་ཇི་སྲིད་གནས་གྱུར་པ།  །དེ་སྲིད་བདག་ནི་གནས་གྱུར་ནས།  །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག  །ཅེས་གསུངས།寂天菩萨:乃至有虚空,以及众生住,愿吾住世间,尽除众生苦。 ༈ ད་ལོའི་བདག་གི་སྐྱེས་སྐར་གྱི་ཉིན་མོ་འདིའི་་ལས་རིམ་ལ་མཉམ་ཞུགས་བྱེད་མཁན་གྱི་སྙིང་ཉེ་བའི་ཆོས་གྲོགས་དང་རྒྱ་བོད་རིས་སུ་མ་ཆད་པའི་དད་ལྡན་སློབ་བུ་ཡོངས་དང་། དེ་མིན་དྲྭ་ལམ་སོ་སོ་ནས་ལེགས་སྐྱེས་དང་ཤེས་ཚིག་ཕུལ་མཁན་གྱི་ཆོས་ཀྱི་མཆེད་པོ་རྣམས་དང་གཞན་པའི་ཐག་ཉེ་རིང་གི་གཉེན་གྲོགས་སློབ་བུ་ཡོངས་སུ་རྫོགས་པ་ལ་སྙིང་ཁོང་ནས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ།  ཁྱེད་རྣམ་པའི་ལྷད་མེད་དྭངས་གཙང་གི་རྒྱབ་སྐྱོར་དང་རོགས་དན་གྱི་འོག་ནས་ད་ལོའི་བདག་གི་སྐྱེས་སྐར་གྱི་ཉིན་མོ་འདི་ཡང་ཆོས་སེམས་གཙང་མའི་རྩི་དང་མ་བྲལ་བའི་དགའ་སྐྱིད་སྤྲོ་སྣང་གིས་གང་བའི་རིན་ཐང་ལྡན་པའི་ཉིན་མོ་ཞིག་ཆགས་སོང་བས་རྣམ་པ་ལྷན་རྒྱས་ལ་སླར་ཡང་སོར་བཅུའི་ཐལ་མོ་སྙིང་གར་བཀོད་ནས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ།  སླད་མར་ཁྱེད་ཆོས་མཆེད་རྣམ་པའི་ཐོས་བསམ་མཐའ་རྒྱ་ཆོད། ཐོས་དོན་རྒྱུད་ལ་འབྱོར། ཚེ་ཆོས་མཐའ་རུ་ཕྱིན་ནས་དོན་གཉིས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་།གཞན་རྒྱ་བོད་རིས་སུ་མ་ཆད་པའི་དད་ལྡན་ཡོན་གྱི་བདག་པོ་ཁྱེད་རྣམས་ལ་ཚེ་རིང་ནད་མེད་བསམ་པའི་དོན་ཐམས་ཅད་འབད་མེད་ཆོས་བཞིན་དུ་འགྲུབ་ནས་འདི་ཕྱི་ཀུན་ཏུ་བདེ་ཞིང་སྐྱིད་པའི་དཔལ་དང་གཏན་དུ་འབྲལ་བ་མེད་པའི་བཀྲ་ཤིས་སྨོན་འདུན་གཙང་མས་བདེ་མོ་འཇོག  ཁ་དགེ་བཀྲ་ཤིས།       阿弥陀佛,各位弟子大家好,我的生日放生法会圆满结束,谢谢弟子们不远千里,舟车劳顿的赶来参加此次法会,我发自内心的非常感动开心,我们并一起做了大量的放生牦牛,灌顶,念经,转塔,供灯,供水,供花等很多的善法,对我们人生来讲是非常有意义的,功德无量,对我而言这是我最好的生日礼物。 没有参加这次法会的很多弟子纷纷发来了各种祝福,尽管无法一一回应大家,但我内心感受得到你们的情意,非常感恩! 祈愿跟我结上善缘,恶缘的一切众生,皆能离苦得乐! 愿以此功德回向祈愿所有高僧大德长住于世,祈愿喇嘛仁波切早日承愿再来,祈愿世界和平,所有众生福慧增长,身体健康,家庭和睦,工作顺利,皈依三宝,修持佛法,圆满吉祥མགོན་པོ་ཀླུ་སྒྲུབ་ཀྱིས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།   །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ།  །ཞེས་གསུངས། 龙树菩萨:空性大悲藏,有着成菩提。 མི་ལ་ཆོག་ཤེས་ཡོད་ན་ཕྱུག་པོ་ཡིན། སེམས་ལ་རྙོག་འཛིང་མེད་ན་བདེ་སྐྱིད་ཡིན། 知足的人就会富裕,心净的人就会幸福,    རང་རྒྱུད་ཀྱི་ཁོང་ཁྲོ་འདི་གཉའ་གནོན་བྱེད་ཐུབ་ན།     འཇིག་རྟེན་ན་དགྲ་ཐམས་ཅད་འདུལ་བའི་དཔའ་བོ་ངོ་མ་ཡིན།   དེ་མིན་དགྲ་ཐམས་ཅད་འདུལ་ཟིན་པའི་དཔའ་བོ་སུ་ཡང་མེད་དོ།།如果能够调伏自身的瞋怒,就是打败世间一切敌人的英雄,否则没有真正无敌的英雄。 发布时间:2019-09-08 23:48:12 更新时间:2024-08-29 04:33:19 来源:素超人 链接:https://www.sushijiameng.com/wei-sushi-5835